ནང་ཁུལ་འོས་མིའི་སྙན་ཞུ།
ཌོ་རྦིལ་ཊི་(Dowbuilt) ནང་ཁུལ་སྙན་ཞུའི་བརྒྱུད་རིམ།
རིམ་པ་ ༡ །
ཌོ་རྦིལ་ཊི་(Dowbuilt) འཚོ་ཐབས་ཆེད་ལས་ཀྱི་དྲ་ངོས་དང་། Smartsheet ཡི་དྲ་ཚིགས་ནང་དུ་ལས་བྱེད་བདག་གཉེར་དྲ་མིག (HR Dashboard) ། ཡང་ན་ད་ཡོད་ས་མིག་སྟོང་པའི་ལས་གནས་ལ་རིམ་པ་ཇི་ཡོད་འཚོལ་བཤེར་བྱ་རྒྱུ།
རིམ་པ་ ༢ །
ཁྱེད་ཀྱིས་འདོད་མོས་ཡོད་པའི་ལས་གནས་ངོས་འཛིན་བྱུང་སྐབས། དགོས་ངེས་ཆ་རྐྱེན་རྣམས་གཟབ་ནན་གྱིས་ཀློག་རྒྱུ།
རིམ་པ་ ༣ །
གལ་ཏེ་ཁྱེད་ཀྱི་ལག་རྩལ་དང་རྒྱབ་ལྗོངས་གཉིས་ཁྱེད་རང་འདོད་མོས་ཡོད་པའི་ལས་གནས་དང་འདྲ་མཚུངས་ཡིན་ཚེ། གསར་འཇུག་ཁ་སྣོན་བྱས་པའི་ཁྱེད་ཀྱི་ལོ་རྒྱུས་སྙིང་བསྡུས་(ཁྱེད་ལ་གཅིག་ཡོད་ཚེ) ཕབ་འཇུག་གིས་སྙན་ཞུ་འབུལ་རྒྱུ་དང་ཞུ་སྙན་འགེང་ཤོག་ནང་དུ་ཡོད་པའི་དྲི་བ་ཡོངས་ལ་རང་ནུས་གང་ལྕོགས་ཀྱིས་ལན་འདེབས་འཚེམས་ལུས་མེད་པ་གནང་རྒྱུ།
རིམ་པ་ ༤ །
ཁྱེད་ཀྱི་སྙན་ཞུ་འགེང་འབུལ་ལེགས་འགྲུབ་བྱུང་རྗེས་ཁྱེད་ལ་རང་འགུལ་བརྡ་ལན་ཞིག་འབྱོར་ཡོང་ངེས།
རིམ་པ་ ༥ །
འདེམས་སྒྲུག་ཚོགས་ཆུང་གིས་ཁྱེད་ཀྱིས་ཐེངས་རྗེས་མར་ཅི་ཞིག་བྱེད་དགོས་པའི་བརྡ་ལན་སྤྲོད་ཆེད་ཁྱེད་ལ་འབྲེལ་བ་བྱ་ངེས། གལ་སྲིད་ཁྱེད་ལ་བདུན་ཕྲག་གཉིས་ཀྱི་ནང་ཚུན་དུ་ང་ཚོའི་ཕྱོགས་ནས་བརྡ་ལན་ཅི་ཡང་མ་འབྱོར་ཚེ། གློག་འཕྲིན་ཁ་བྱང་ [email protected] ལ་གློག་འཕྲིན་བསྐུར་རོགས་གནང་།
ཁྱེད་ཀྱིས་ང་ཚོའི་མཉམ་དུ་རྒྱལ་ཁབ་ཀྱི་གོ་སྐབས་འཚོལ་ཞིབ་གནང་བར་ཐུགས་རྗེ་ཆེ།